ཁྲལ་འཇམ་ཏོང་ཏོ་སྦེ་ བཏབ་ནིའི་དོན་ལུ་ བར་མི་ལམ་ལུགས་གཞི་བཙུགས།

༉ ཁྲལ་གྱི་དུས་ཚོད་ རན་མི་དང་བསྟུན་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ཁྲལ་བཏབ་མི་ཚུ་ལུ་ ཁྲལ་གྱི་ཡིག་ཆ་ཚུ་ འཇམ་ཏོང་ཏོ་དང་ འཇོན་ཐངས་ཅན་བཟོ་ཐབས་ལུ་ ཐབས་ཤེས་ཚུ་ བཏོན་དོ་ཡོདཔ་ཨིན་པས། ལས་ཁུངས་ཀྱིས་ མོ་བཏབ་ལས་འགུལ་གྱི་ ཆ་ཤས་ཅིག་སྦེ་ ཁྲལ་བཏབ་བར་མི་༩༢ ངོ་སྦྱོར་འབད་མིའི་གྲས་ལས་༤༡ ངོ་ཚབ་སྦེ་ ངོ་སྦྱོར་འབད་ཡོདཔ་བཞིན་དུ་ ད་རེས་ནངས་པ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས། ཁྲལ་བཏབ་བར་མི་ཚུ་གིས་ ཁྲལ་བཏབ་མི་ཚུ་ལུ་ རང་སོའི་ འོང་འབབ་ཁྲལ་བསྐྱར་རྙེད་ཀྱི་ ཡིག་ཆ་བཀང་ནི་དང་ ཡོངས་འབྲེལ་ཐོ་བཀོད་ དེ་ལས་ ཁྲལ་བཏབ་ལག་ཁྱེར་ལེན་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས། ལས་རིམ་དེ་ཡང་ བར་མིའི་ལྕོགས་གྲུབ་ གོང་འཕེལ་གཏང་པའི་ནམ་དུས་ལུ་ ཁྲལ་དང་འབྲེལ་བའི་ ཞབས་ཏོག་མགྱོགས་དྲགས་དང་ ཁུངས་ལྡན་ དེ་ལས་ དོན་སྨིན་ཅན་སྦེ་ བྱིན་ཐབས་ལུ་དམིགས་ཏེ་ཨིན་ཟེར་ ཐིམ་ཕུག་གི་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་མདོ་ཆེན་ ཨོ་རྒྱན་ནོར་བུ་གིས་ བཤདཔ་ཨིན་པས། ལས་རིམ་དེ་གིས་ ཁྲལ་བཏབ་མི་ཚུ་ལུ་ སྦྱོང་བརྡར་ཅན་གྱི་བར་མི་ཚུ་ལས་ རྒྱབ་སྐྱོར་ཐོབ་སྟེ་ ངོ་རྐྱང་ཚུ་ འོང་འབབ་དང་ཅ་དམ་ཡིག་ཚང་ནང་ འོང་ནིའི་གྱངས་ཁ་ མར་ཕབ་འབད་ཚུགས་ཟེར་ཨིན་པས། འོང་འབབ་དང་ཅ་དམ་ཡིག་ཚང་ནང་འོང་སྟེ་ ཁྲལ་བཏབ་ནིའི་ ཞབས་ཏོག་མེདཔ་སྦེ་བཟོ་ཡོདཔ་ད་ དེ་གི་ཚབ་ ཁྲལ་བཏབ་མི་ཚུ་གིས་ ཚོང་འབྲེལ་ཁྲལ་ཚོད་རྩིས་ཁྲའི་རིམ་ལུགས་(བི་ཊ་) [...]

featured-image

༉ ཁྲལ་གྱི་དུས་ཚོད་ རན་མི་དང་བསྟུན་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ཁྲལ་བཏབ་མི་ཚུ་ལུ་ ཁྲལ་གྱི་ཡིག་ཆ་ཚུ་ འཇམ་ཏོང་ཏོ་དང་ འཇོན་ཐངས་ཅན་བཟོ་ཐབས་ལུ་ ཐབས་ཤེས་ཚུ་ བཏོན་དོ་ཡོདཔ་ཨིན་པས། ལས་ཁུངས་ཀྱིས་ མོ་བཏབ་ལས་འགུལ་གྱི་ ཆ་ཤས་ཅིག་སྦེ་ ཁྲལ་བཏབ་བར་མི་༩༢ ངོ་སྦྱོར་འབད་མིའི་གྲས་ལས་༤༡ ངོ་ཚབ་སྦེ་ ངོ་སྦྱོར་འབད་ཡོདཔ་བཞིན་དུ་ ད་རེས་ནངས་པ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས། ཁྲལ་བཏབ་བར་མི་ཚུ་གིས་ ཁྲལ་བཏབ་མི་ཚུ་ལུ་ རང་སོའི་ འོང་འབབ་ཁྲལ་བསྐྱར་རྙེད་ཀྱི་ ཡིག་ཆ་བཀང་ནི་དང་ ཡོངས་འབྲེལ་ཐོ་བཀོད་ དེ་ལས་ ཁྲལ་བཏབ་ལག་ཁྱེར་ལེན་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས། ལས་རིམ་དེ་ཡང་ བར་མིའི་ལྕོགས་གྲུབ་ གོང་འཕེལ་གཏང་པའི་ནམ་དུས་ལུ་ ཁྲལ་དང་འབྲེལ་བའི་ ཞབས་ཏོག་མགྱོགས་དྲགས་དང་ ཁུངས་ལྡན་ དེ་ལས་ དོན་སྨིན་ཅན་སྦེ་ བྱིན་ཐབས་ལུ་དམིགས་ཏེ་ཨིན་ཟེར་ ཐིམ་ཕུག་གི་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་མདོ་ཆེན་ ཨོ་རྒྱན་ནོར་བུ་གིས་ བཤདཔ་ཨིན་པས། ལས་རིམ་དེ་གིས་ ཁྲལ་བཏབ་མི་ཚུ་ལུ་ སྦྱོང་བརྡར་ཅན་གྱི་བར་མི་ཚུ་ལས་ རྒྱབ་སྐྱོར་ཐོབ་སྟེ་ ངོ་རྐྱང་ཚུ་ འོང་འབབ་དང་ཅ་དམ་ཡིག་ཚང་ནང་ འོང་ནིའི་གྱངས་ཁ་ མར་ཕབ་འབད་ཚུགས་ཟེར་ཨིན་པས། འོང་འབབ་དང་ཅ་དམ་ཡིག་ཚང་ནང་འོང་སྟེ་ ཁྲལ་བཏབ་ནིའི་ ཞབས་ཏོག་མེདཔ་སྦེ་བཟོ་ཡོདཔ་ད་ དེ་གི་ཚབ་ ཁྲལ་བཏབ་མི་ཚུ་གིས་ ཚོང་འབྲེལ་ཁྲལ་ཚོད་རྩིས་ཁྲའི་རིམ་ལུགས་(བི་ཊ་) ལག་ལེན་འཐབ་སྟེ་ བཏབ་ནི་ཨིནམ་ད་ དེ་ཡང་ ཀོ་བིཌ་-༡༩ འི་སྐབས་ བཟོ་ཡོདཔ་ཨིན་པས། རིམ་ལུགས་ཀྱིས་ ཁྲལ་བཏབ་བར་མི་ཚུ་ལུ་ ཚོང་མགྲོན་པའི་ཁ་ཐུག་ལས་ ཁྲལ་བསྐྱར་རྙེད་འབད་ནི་ལུ་ ཕན་འདེབས་འབད་ནི་དང་ དེ་གི་ཤུལ་ལས་ ཁྲལ་གྱི་འགོ་དཔོན་ཚུ་གིས་ བདེན་དཔྱད་འབད་ནི་ཨིན་པས། ཡིག་ཆ་ཚུ་ བཙུགས་པའི་སྐབས་ སྟབས་མ་བདེཝ་རེ་འབྱུང་པ་ཅིན་ ཆ་མེད་འགྱོ་ནི་དང་ བྱ་སྒོའི་སྐབས་ དྭངས་གསལ་དང་ འགན་འཁྲི་ངེས་བརྟན་འབད་ནི་ཨིན་པས། འགོ་དཔོན་གྱིས་ སླབ་མིའི་ནང་ ད་རེས་ ལས་རིམ་དེ་ མོ་བཏབ་འབདཝ་ལས་ ལྟ་རྟོག་འབད་ནི་དང་ གལ་སྲིད་ མཐར་འཁྱོལ་འབྱུང་པ་ཅིན་ ལས་ཁུངས་ཀྱིས་ སང་ཕོད་ཀྱི་ཁྲལ་ བསྡུ་ལེན་སྐབས་ ལུང་ཕྱོགས་ཡིག་ཚང་༨ ག་རའི་ནང་ འགོ་བཙུགས་འོང་ཟེར་ཨིན་པས། ལས་རིམ་དེ་ ཁྲལ་གྱི་བདག་སྐྱོང་ནང་ ཁེ་ཕན་ལྟག་སྤྲོད་དང་འབྲེལ་བའི་དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་དང་ འབྲུག་ལུ་ ཁྲལ་བཏབ་མི་ཚུ་ ཁྲལ་གྱི་ཡིག་ཆ་ཚུ་ བཀང་ནི་ལུ་ ཁྲལ་གྱི་འགོ་དཔོན་ཚུ་ལུ་ རེ་སྡོད་དོ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ འགོ་དཔོན་དེ་གིས་ ཁྲལ་བསྐྱར་རྙེད་ཚུ་ དབྱེ་ཞིབ་འབད་དགོཔ་ལས་ ཁེ་ཕན་ལྟག་སྤྲོད་ འབྱུང་དོ་ཡོདཔ་ད་ ཁྲལ་བཏབ་ནིའི་ལཱ་དེ་ ཁྲལ་གྱི་བར་མི་ཚུ་ལུ་ བྱིན་ཏེ་ཡོདཔ་ལས་ ཁྲལ་གྱི་འགོ་དཔོན་ཚུ་གིས་ དབྱེ་ཞིབ་འབད་ནི་ལུ་ གཙོ་རིམ་བཟུང་ཚུགས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས། ཐོབ་སྤྱོད་ངེས་བརྟན་འབད་ནི་ལུ་ ལས་ཁུངས་ཀྱིས་ ཁྲལ་བཏབ་བར་མི་ཞབས་ཏོག་འཐུས་ དངུལ་ཀྲམ་༡༠༠ བཞག་ཡོད་རུང་ བར་མི་ཚུ་དང་ གྲོས་བསྟུན་འབད་བའི་ཤུལ་ལས་ འཐུས་དངུལ་ཀྲམ་༡༥༠ ལུ་ ཡར་སེང་འབད་ཡོད་པ་ཨིན་པས། ཁྲལ་བཏབ་བར་མི་ཚུ་ཡང་ དངུལ་འབྲེལ་རྒྱབ་རྟེན་དང་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ལུ་ གཞི་བཞག་སྟེ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ཡང་ ལས་ཁུངས་དང་ དངུལ་འབྲེལ་གཙུག་སྡེ་སྦྱོང་བརྡར་ལྟེ་བ་གིས་ བདུན་ཕྲག་༡ འགོ་འདྲེན་འཐབ་མིའི་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས། ད་རེས་ ཁྲལ་བཏབ་བར་མི་ཚུ་ ཐིམ་ཕུག་དང་ བསམ་གྲུབ་ལྗོངས་མཁར་ ངང་ལམ་ སྤ་རོ་ མོང་སྒར་ བུམ་ཐང་ བསམ་རྩེ་ གཞལམ་སྒང་ པཱན་སྦང་ ཕུན་ཚོགས་གླིང་ དེ་ལས་ རྩི་རང་ཚུ་ནང་ ཡོདཔ་ཨིན་པས། ད་རེས་ ཁྲལ་བཏབ་ནི་ འགོ་བཙུགས་ཏེ་ཡོདཔ་ད་ རང་སོའི་འབབ་ཁུངས་ཀྱི་ཁྲལ་ཚུ་ཡང་ སྤྱི་ཟླ་༢ པའི་ཚེས་༢༨ ཀྱི་ནང་འཁོད་ལུ་ བཏབ་དགོཔ་ད་ ཚོང་འབྲེལ་/ལས་འཛིན་གྱི་ ཁྲལ་འབད་བ་ཅིན་ སྤྱི་ཟླ་༣ པའི་ཚེས་༣༡ ནང་འཁོད་ལུ་ བཏབ་ཚར་དགོཔ་ཨིན་པའི་གནས་ཚུལ། ངོ་སྦྱོར་འབད་མི་ ཁྲལ་བཏབ་བར་མི་ཚུ། ཨོ་རྒྱན་རྡོ་རྗེ།.