རྒྱ་མཚོ་གླིང་ལུ་ རྒྱལ་རབས་ཅན་གྱི་ རྒྱལ་སྲུང་ལས་རིམ་ འགོ་འབྱེད་འབད་མི་དེ་ལུ་ རེ་བ་དང་སྤྲོ་སྣང་།

༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༤༠ གི་ས་གནས་ བཀྲིས་ཆོས་གླིང་ཁ་ཐུག་ རྒྱ་མཚོ་གླིང་ལུ་ རྒྱལ་རབས་ཅན་གྱི་རྒྱལ་སྲུང་ལས་རིམ་ འགོ་འབྱེད་མཛད་གནང་ཡོདཔ་ཨིན་པས། རྒྱ་མཚོ་གླིང་རྒྱལ་སྲུང་དེ་ རྒྱལ་ཁབ་ནང་ སྦྱོང་བརྡར་ལྟེ་བ་༤ ཡོད་པའི་གྲས་ལས་གཅིག་ཨིནམ་བཞིན་དུ་ ལྟེ་བ་དེ་ནང་ ཕོ་སྐྱེས་༢༧༠ དང་ ཨམ་སྲུ་༢༩༠ བརྩིས་ཏེ་ ན་གཞོན་ཡོངས་བསྡོམས་༥༦༩ ཡོདཔ་ཨིན་པས། ན་གཞོན་ཚུ་གིས་ ཟླཝ་༣ གྱི་རིང་ གཞི་རྟེན་དམག་སྦྱོང་འབད་ནི་ཨིན་པས། རྒྱལ་སྲུང་སྦྱོང་བརྡར་གྱི་ འགོ་རིམ་དང་པའི་ནང་ སྒྲིག་ལམ་དང་ གཅིག་སྒྲིལ་ དེ་ལས་ རྒྱལ་ཁབ་ལུ་ ཤ་ཞེན་བསྐྱེད་བཅུག་ནིའི་དོན་ལུ་ བཟོ་བཀོད་འབད་དེ་ཡོད་པའི་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ནི་ཨིན་མས། རྒྱལ་སྲུང་གི་ སྦྱོང་བརྡར་འགོ་བཙུགས་མི་ལུ་བརྟེན་ བསམ་རྩེ་གི་ མི་སེར་ཚུ་གི་བར་ན་ དགའ་བ་དང་ སྤྲོ་སྣང་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས། ལས་རིམ་འགོ་འབྱེད་ནང་ མི་དབང་མཆོག་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཕྲལ་འཕྲལ་ར་ བྱོན་གནང་ནི་སྦེ་ གསུངས་ཡོད་པའི་ཁར་ ཟླ་རིམ་བཞིན་དུ་ ཁྱད་དུ་འཕགས་པའི་ གྲུབ་འབྲས་འཐོན་ནི་ལུ་ དོགས་པ་མེདཔ་མ་ཚད་ རྒྱལ་སྲུངཔ་ནང་འཁོད་དང་ [...]

featured-image

༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༤༠ གི་ས་གནས་ བཀྲིས་ཆོས་གླིང་ཁ་ཐུག་ རྒྱ་མཚོ་གླིང་ལུ་ རྒྱལ་རབས་ཅན་གྱི་རྒྱལ་སྲུང་ལས་རིམ་ འགོ་འབྱེད་མཛད་གནང་ཡོདཔ་ཨིན་པས། རྒྱ་མཚོ་གླིང་རྒྱལ་སྲུང་དེ་ རྒྱལ་ཁབ་ནང་ སྦྱོང་བརྡར་ལྟེ་བ་༤ ཡོད་པའི་གྲས་ལས་གཅིག་ཨིནམ་བཞིན་དུ་ ལྟེ་བ་དེ་ནང་ ཕོ་སྐྱེས་༢༧༠ དང་ ཨམ་སྲུ་༢༩༠ བརྩིས་ཏེ་ ན་གཞོན་ཡོངས་བསྡོམས་༥༦༩ ཡོདཔ་ཨིན་པས། ན་གཞོན་ཚུ་གིས་ ཟླཝ་༣ གྱི་རིང་ གཞི་རྟེན་དམག་སྦྱོང་འབད་ནི་ཨིན་པས། རྒྱལ་སྲུང་སྦྱོང་བརྡར་གྱི་ འགོ་རིམ་དང་པའི་ནང་ སྒྲིག་ལམ་དང་ གཅིག་སྒྲིལ་ དེ་ལས་ རྒྱལ་ཁབ་ལུ་ ཤ་ཞེན་བསྐྱེད་བཅུག་ནིའི་དོན་ལུ་ བཟོ་བཀོད་འབད་དེ་ཡོད་པའི་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ནི་ཨིན་མས། རྒྱལ་སྲུང་གི་ སྦྱོང་བརྡར་འགོ་བཙུགས་མི་ལུ་བརྟེན་ བསམ་རྩེ་གི་ མི་སེར་ཚུ་གི་བར་ན་ དགའ་བ་དང་ སྤྲོ་སྣང་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས། ལས་རིམ་འགོ་འབྱེད་ནང་ མི་དབང་མཆོག་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཕྲལ་འཕྲལ་ར་ བྱོན་གནང་ནི་སྦེ་ གསུངས་ཡོད་པའི་ཁར་ ཟླ་རིམ་བཞིན་དུ་ ཁྱད་དུ་འཕགས་པའི་ གྲུབ་འབྲས་འཐོན་ནི་ལུ་ དོགས་པ་མེདཔ་མ་ཚད་ རྒྱལ་སྲུངཔ་ནང་འཁོད་དང་ གཞན་ལུ་ གཞི་སྒྱུར་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་བཞིན་དུ་ འགྲོས་ཀྱིས་སྦེ་ རྒྱལ་སྲུངཔ་ཚུ་གིས་ འབྲུག་གི་མ་འོངས་སྒྲིང་སྒྲི་བཟོ་ནི་ལུ་ བརྡ་མཚོན་སྟོན་འོང་ཟེར་ཨིན་པས། མི་དབང་མཆོག་གིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དཱི་དང་ རྒྱ་གར་གཞུང་ལུ་ རིན་ཐང་ཆེ་བའི་ རྒྱབ་སྐྱོར་དང་ སེམས་ཤུགས་ དེ་ལས་ ཕན་གྲོགས་འབད་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ གསུངས་གནང་ཡི། རྒྱལ་རབས་ཅན་གྱི་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་དང་པའི་ནང་ ན་གཞོན་༢,༠༠༠ གིས་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ ཟླཝ་༣ གྱི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༩ པའི་ཚེས་༥ ལས་ འགོ་བཙུགས་ཡོདཔ་ཨིན་པས། སྦྱོང་བརྡར་ནང་ རྒྱལ་སྲུངཔ་ཚུ་གིས་ གཞི་རྟེན་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་རིག་ སྒྲིག་ལམ་རྣམ་གཞག་ ཆོས་བཤད་ལས་རིམ་ འགོ་ཁྲིདཔ་གོང་འཕེལ་ འཚོ་བའི་རིག་རྩལ་ དེ་ལས་ ལས་སྣ་གཞན་ གདོང་ལེན་དང་ གྲ་སྒྲིག་དང་ མ་འོངས་གོ་སྐབས་ཀྱི་ གྲ་སྒྲིག་སྦྱོང་བརྡར་ཚུ་ འབད་ནི་ཨིན་པའི་གནས་ཚུལ། ཨོ་རྒྱན་རྡོ་རྗེ།.